查看原文
其他

《争做堆龙好商户》赶紧来接力……

堆龙区融媒体中心 堆龙发布 2022-05-20



请扫二维码,响应堆龙好商户倡议:

ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་པར་ཤུགས་རྐྱེན་ཐེབས་ནས་ཡོད།མི་འདུ་འཛོམས་བྱེད་པ་ཉུང་དུ་གཏོང་ཆེད་དང་ནད་དུག་ཁྱབ་སྤེལ་ཐབས་ལམ་ནུས་ལྡན་ངང་འགོག་ཆེད།ང་ཚོས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ནས་རང་འགུལ་ངང་སྡེ་ཁུལ་རིམས་འགོག་ལས་ཀར་གཞོགས་འདེགས་དང་དུས་ཐོག་ཏུ་ཚོང་གཉེར་མཚམས་བཞག་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་ལེགས་སྐྱེས་ཕྲན་བུ་འབུལ་ཡོད།

ད་ཐེངས་ཀྱི་རིམས་ནད་འདི་མི་ཚང་མའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་འབྲེལ་བ་ཡོད་པ་མ་ཟད་ང་ཚོ་དང་འདྲ་བའི་ཁེ་ལས་དང་ཚོང་དུད་ཁྲི་སྟོང་མང་པོའི་འཕེལ་རྒྱས་ལ་ཐུག་ཡོད།“གོད་ཆག་ཁྲོད་ནས་རྒྱལ་ཁབ་དར། མང་དུ་མཐུན་པས་དོན་ཆེན་གྲུབ།”ང་ཚོ་དུ་ཞག་མེད་པའི་དམག་འཐབ་དེའི་ཁྲོད་མ་གཞི་ཤུགས་རྐྱེན་ཕྲན་ཙམ་དང་གྱོང་གུན་ཏོག་ཙམ་ཐེབས་ཡོད་ཀྱང་ང་ཚོས་ཕན་ཚུན་མཉམ་རོགས་དང་དཀའ་ངལ་ཁྱད་བསད་ཀྱི་འདུ་ཤེས་དང་དུ་ལེན་ནས། སྔར་རྒྱུན་བཞིན་དུ་ཏང་ཨུད་སྲིད་གཞུང་གི་ཁ་གཏད་ཐབས་ལམ་ཁག་ལ་རྒྱབ་སྐྱོར་གཞོགས་འདེགས་བྱེད་པ་དང་དུས་བརྟན་དུ་སྲིད་གཞུང་དང་ཕྱར་བ་གྲུ་འདེགས།མི་དམངས་དང་རྡོག་རྩ་གཅིག་སྒྲིལ། སྡེ་ཁུལ་དང་མཉམ་འགོག་མཉམ་བཅོས་བྱས་ཐོག་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་རིམས་ནད་སྔོན་འགོག་གི་ལས་དོན་ཁག་ནང་ལག་ལེན་དུ་འཁོལ་བས་ཏང་དང་མི་དམངས་ཀྱི་དགའ་རྟགས་སྒྲོན་ཡོད།

ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“རྒྱལ་ཡོངས་གོང་འོག་ཚང་མའི་དཀའ་སྤྱད་འབད་བརྩོན་འོག་ཉེ་ཆར་རིམས་ནད་སྔོན་འགོག་འཕེལ་ཕྱོགས་དང་ཐོན་སྐྱེད་འཚོ་བའི་སྒྲིག་གཞི་བསྐྱར་གསོའི་རྣམ་པ་ལེགས་སུ་འགྲོ་མུས་ཡིན།”ཞེས་གསུངས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་དབུ་ཁྲིད་ཡོད་པར་བརྟེན་ང་ཚོས་རིམས་ནད་ལས་རྣམ་པར་རྒྱལ་ངེས། སྟོབས་འབྱོར་མངའ་ཐང་རྒྱས་པའི་དུས་ཤིག་སླེབས་ལ་ཉེ། མཛེས་སྡུག་གི་དཔྱིད་དཔལ་ཉེ་བར་བཅར།དམིགས་བསལ་གྱི་དུས་ཚོད་འདིར་ང་ཚོ་སྟོད་ལུང་དཔལ་འབྱོར་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་མཁན་གྱི་ཁྲོམ་རའི་གྲུབ་ཆ་གཙོ་བོ་ཞིག་གིས་ངོས་ནས་མིང་འབྲེལ་གྱིས་༼  སྟོད་ལུང་གི་ཚོང་དུད་ལེགས་པོ།༽ཅེས་པའི་མཐུད་རྒྱུག་འབོད་སྐུལ་སྒྲོག་སྟེ་རང་ཉིད་ནས་འགོ་བཙུགས་ནས་

"རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་ལེན་པ།

རང་འགུལ་ངང་སྡེ་ཁུལ་རིམས་འགོག་ལས་ཀར་གཞོགས་འདེགས་བྱེད་པ།

རང་འགུལ་ངང་ཚོང་གཉེར་ལ་འཕྲད་པའི་དཀའ་ངལ་རང་ཉིད་ནས་ཁྱད་བསད།

རང་འགུལ་ངང་ཁྲིམས་མཐུན་དྲང་བདེན་ཐོག་ནས་ཚོང་གཉེར་བྱེད་པ།

ཏང་དང་སྲིད་གཞུང་ལྷན་དུ་དཀའ་སྡུག་མཉམ་ཁུར།

མི་དམངས་མང་ཚོགས་དང་ཕན་ཚུན་མཉམ་རོགས།

སྤྱི་ཚོགས་ཁྱོན་ཡོངས་དང་དཀའ་ངལ་མཉམ་སེལ།"བྱེད་པར་འབད།

ང་ཚོ་མཉམ་དུ་འབད་བརྩོན་བྱེད།སྟོད་ལུང་གི་ཚོང་དུད་དེ་ལས་མང་བ་ཧུར་བརྩོན་དང་ལེན་དང་རྒྱུག་མཐུད་བརྒྱུད་སྤྲོད་བྱ་རྒྱུར་རེ་སྒུག་བྱས་ནས།སྤྱི་ཚོགས་འདིར་“དཀའ་སྡུག་མཉམ་ཁུར། དཀའ་ཁག་མཉམ་སེལ།”གྱི་སྟོབས་ཤུགས་ཆེ་བའི་བག་ཡོད་ནུས་པ་འདུ་རུབ་བྱེད་དགོས།    

新冠肺炎疫情牵动着党中央和全国人民的心。为了减少人群聚集,有效阻断病毒传播途径,我们积极响应党和政府的号召,自觉配合社区疫情防控工作,第一时间暂停营业,为打赢疫情防控阻击战贡献了一份力量。
此次疫情,不仅关乎每个人的生命安全和身体健康,也关乎千家万户像我们一样的企业和商户的发展。多难兴邦、众志成城。我们在这场没有硝烟的战争中,虽然受到一些影响、有一些损失,但我们秉承守望相助、共克时艰的理念,一如既往地支持配合当地党委政府各项应对措施,始终与政府同舟共济、与人民众志成城、与社区群防群治,把企业的社会担当实践到疫情防控各项工作当中,赢得了党和人民的点赞。
近期,习近平总书记指出“经过全国上下艰苦努力,当前已初步呈现疫情防控形势向好、生产生活秩序加快恢复的态势”。我们坚信,有习近平同志为核心的党中央坚强领导,我们一定能够战胜疫情,繁荣的发展即将来临,美好的春天不再遥远。在这特殊时期,我们作为推动堆龙经济发展的市场主体,联名发起《争做堆龙好商户》接力倡议,从自我做起,做到;
自觉承担社会责任
自觉配合社区疫情防控工作
自觉克服疫情带来的经营困难
自觉依法诚信经营
与党和政府共渡难关
与人民群众守望相助
与全社会共克时艰
让我们一起努力,期待有更多的堆龙商户积极响应,接力传递,为这个社会汇聚起“共渡难关、共克时艰”的强大正能量。

接力发起人:



编审:菠萝哥

编辑:粽子    阿达哥




小编这么辛苦,点一下在看

您可能也对以下帖子感兴趣

文章有问题?点此查看未经处理的缓存